[001A]༄༅། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཤད་ཁྲིད་ཀྱིས་བཅད་བཞུགས་སོ། །། [001B] །ན་མོ་གུ་རུ། འདིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་འདི་འཆད་པ་ལ་གཉིས། སྤྱིའི་དོན་དང། གཞུང་གི་དོན་ནོ། །དང་པོ་ལ་གསུམ། བམ་པོ་ ལེའུ་ཤླཽ་ཀ་གསུམ་གྱི་གྲངས། ལེའུ་རྣམས་ཀྱི་འབྲེལ་བསྒྲིག་ཚུལ། གཞུང་དོན་ལམ་གྱི་རིམ་པར་བསྒྲིག་ཚུལ་ལོ། །གཉིས་པ་གཞུང་གི་དོན་འཆད་པ་ལ་གསུམ། གཞུང་གི་སྔོན་འགྲོ་གཞུང་དངོས་ཀྱི་དོན་ མཇུག་གི་དོན་བཤད་པའོ། དང་པོ་ལ་གཉིས། མཚན་གྱི་དོན། འགྱུར་གྱི་ཕྱག་གོ་དང་པོ་ནི། རྒྱ་གར་སྐད་དུ་སོགས། གཉིས་པ་ནི། སངས་རྒྱས་དང་སོགས། གཉིས་པ་གཞུང་དངོས་ཀྱི་དོན་ལ་གཉིས་ ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་བཤད་པ་ལ་འཇུག་པའི་བྱ་བ། ལམ་གྱི་རིམ་པ་བཤད་པ་དངོས་སོ། །དང་པོ་ལ་གསུམ། མཆོད་བརྗོད་དང། བཤད་པར་དམ་བཅའ་བ། ཁེངས་སྐྱུང་ཞིང་རྩོམ་པར་ སྤྲོ་བའི་རྒྱུ་མཚན་ནོ། །དང་པོ་ནི། བདེ་གཤེགས་ཆོས་ཀྱི་སོགས་ཏེ། དེ་ལ་དོན་གསུམ། དགོས་དོན་དང། བསྡུས་དོན་དང། ཚིག་དོན་ནོ། །གཉིས་པ་ནི། བདེ་གཤེགས་སྲས་ཀྱི་ [002A]༄༅། །སོགས་ཏེ། དེ་ལ་བཞི། བརྗོད་བྱ་ངོས་བཟུང་བ་དང། རང་བཟོའི་ཉེས་པ་སྤང་བ་དང། ཟློས་པ་སྤང་བ་དང། དགོས་སོགས་བཞི་ངོས་བཟུང་བའོ། །གསུམ་ པ་ཁེངས་སྐྱུང་ཞིང་རྩོམ་པར་སྤྲོ་བའི་རྒྱུ་མཚན་ལ་གསུམ། ཁེངས་སྐྱུངས་ཏེ་གཞན་དོན་དུ་གཙོ་བོར་མ་མཛད་པ་དང། བསྟན་བཅོས་རྩོམ་པར་སྤྲོ་བའི་རྒྱུ་མཚན་དང། སྐལ་པ་མཉམ་པ་གཞན་ གྱིའང་དོན་དུ་འགྱུར་བར་བསྟན་པའོ། །དང་པོ་ནི། སྔོན་ཆད་མི་བྱུང་སོགས། གཉིས་པ་ནི། རང་གི་ཡིད་ལ་སོགས། གསུམ་པ་ནི། བདག་དང་སྐལ་བ་སོགས། གཉིས་པ་ལམ་གྱི་རིམ་ པ་བཤད་པ་དངོས་ལ་གཉིས། དལ་འབྱོར་གྱི་རྟེན་ལ་སྙིང་པོ་བླང་བའི་ཕྱིར་བསྐུལ་བ་དང། སྙིང་པོ་ཇི་ལྟར་ལེན་པའི་ཚུལ་བཤད་པའོ། །དང་པོ་ནི། དལ་འབྱོར་འདི་ནི་སོགས། གཉིས་པ་སྙིང་པོ་ཇི་ལྟར་ལེན་པའི་ཚུལ་ བཤད་པ་ལ་གཉིས། སྤྱིའི་རྣམ་གཞག་དང། སོ་སོའི་དོན་བཤད་པའོ། །གཉིས་པ་ལ་གཉིས། བྱང་ཆུབ་ཀྱི་སེམས་སྒོམ་པའི་ཕན་ཡོན་བསམ་པ་དང། སེམས་གཉིས་བསྐྱེད་ནས་སྤྱོད་པ་ལ་སློབ་པའི་ཚུལ་ལོ། །དང་པོ་ལ་གཉིས་ [002B] ལེའུ་མཚན་ནོ། །དང་པོ་ལ་གཉིས། སྡིག་པ་སྤོང་ཞིང་དགེ་བ་སྒྲུབ་རིགས་པར་གདམས་པ་དང། བྱང་ཆུབ་ཀྱི་སེམས་ཕན་ཡོན་རྒྱས་པར་བསམ་པའོ། །དང་པོ་ནི། ཇི་ལྟར་མཚན་མོ་སོགས་ གཉིས་པ་ལ་བཞི། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བཤད་པ་དང། བྱང་ཆུབ་ཀྱི་སེམས་ངོས་བཟུང་པ་དང། དེ་ལ་ཕན་ཡོན་དེ་དག་འབྱུང་བའི་རྒྱུ་མཚན་དང། བྱང་ཆུབ་ཀྱི་སེམས་སྒོམ་པའི་གང་ཟག་ལ་བསྟོད་པའོ། །དང་པོ་ལ་གསུམ། སྡིག་པ་ མཐའ་དག་འདོམས་ཤིང་དགེ་བ་མཐའ་དག་བསྒྲུབ་ནུས་པ་དང། མིང་དང་དོན་ཁྱད་པར་ཅན་ཐོབ་པ་དང། ཕན་ཡོན་དཔེས་བཤད་པའོ། །དང་པོ་ལ་གསུམ། སྡིག་པ་ཆེན་པོ་འཇོམས་པ་དང། བདེ་བ་མཆོག་བསྒྲུབ་ནུས་པ་དང། ཇི་ལྟར་འདོད་ པའི་དོན་བསྒྲུབ་ནུས་པའོ། །དང་པོ་ནི། སྡིག་བ་སྟོབས་ཆེན་སོགས། གཉིས་པ་ནི། བསྐལ་པ་དུ་མར་སོགས། གསུམ་པ་ནི། སྲིད་པའི་སྡུག་བསྔལ་སོགས། གཉིས་པ་མིང་དོན་ཁྱད་པར་ཅན་ཐོབ་པ་ནི། བྱང་ཆུབ་སེམས་སྐྱེས་སོགས། གསུམ་པ་ ཕན་ཡོན་དཔེས་བཤད་པ་ལ་དྲུག་ དམན་པ་མཆོག་ཏུ་བསྒྱུར་པའི་དཔེ། རྙེད་དཀའ་ཞིང་རིན་ཐང་ཆེ་པའི་དཔེ། འབྲས་བུ་མི་ཟད་ཅིང་འཕེལ་པའི་དཔེ། འཇིགས་པ་ཆེན་པོ་ལས་སྐྱོབ་ནུས་པའི་དཔེ། སྡིག་པ་ཚེགས་མེད་པར་འཇོམས་པའི་དཔེ་ ཕན་ཡོན་མདོ་ལས་བསྟན་པའི་ཚུལ་ལོ། །དང་པོ་ནི། གསེར་འགྱུར་རྩི་ཡི་སོགས། གཉིས་པ་ནི། འགྲོ་བའི་དེད་དཔོན་སོགས། གསུམ་པ་ནི། དགེ་བ་གཞན་ཀུན་སོགས། བཞི་པ་ནི། སྡིག་པ་ཤིན་ཏུ་སོགས། ལྔ་པ་ནི། དེས་ནི་དུས་མཐིའི་སོགས་ [003A]༄༅། །དྲུག་པ་ནི། དེ་ཡི་ཕན་ཡོན་སོགས། གཉིས་པ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ངོས་བཟུང་བ་ལ་གསུམ། ངོ་པོའི་དབྱེ་བ་དང། དབྱེ་བ་དཔེས་བཤད་པ་དང། སྨོན་འཇུག་གཉིས་ཀྱི་ཕན་ཡོན་གྱི་ཁྱད་པར་ བཤད་པའོ། །དང་པོ་ནི། བྱང་ཆུབ་སེམས་དེ་སོགས། གཉིས་པ་ནི། འགྲོ་བར་འདོད་དང་སོགས། གསུམ་པ་ལ་གཉིས། སྨོན་སེམས་ཀྱི་ཕན་ཡོན་དང། འཇུག་སེམས་ཀྱི་ཕན་ཡོན་ནོ། དང་པོ་ནི། བྱང་ཆུབ་སྨོན་པའི་སོགས། གཉིས་ པ་ནི། གང་ནས་བཟུང་སྟེ་སོགས། གསུམ་པ་དེ་ལ་ཕན་ཡོན་དེ་དག་འབྱུང་བའི་རྒྱུ་མཚན་ལ་གཉིས། ལུང་དགོད་པ་དང། རིགས་པས་བསྒྲུབ་པའོ། །དང་པོ་ནི། འདི་ནི་འཐད་པ་སོགས། གཉིས་པ་ལ་གཉིས། སྨོན་སེམས་ལས་ཕན་ཡོན་ ཐོབ་པའི་འཐད་པ་དང། འཇུག་སེམས་ལས་ཐོབ་པའི་འཐད་པའོ། །དང་པོ་ལ་བཞི། དགེ་བསྒྲུབ་པའི་བྱེད་ལས་མཐའ་ཡས་པས་ཕན་ཡོན་ཆེ་བ་དང། དེ་བས་ལྷག་པའི་ཕན་སེམས་གཞན་མེད་པ་དང། སེམས་ཅན་རྣམས་ལ་དེ་འདྲ་ པའི་ཕན་སེམས་རང་དོན་དུ་ཡང་མ་སྐྱེས་པ་དང། མཇུག་བསྡུས་ཏེ་བསྔགས་པའོ། །དང་པོ་ནི། སེམས་ཅན་རྣམས་ཀྱི་སོགས། གཉིས་པ་ནི། ཕའམ་ཡང་ན་སོགས། གསུམ་པ་ནི། སེམས་ཅན་དེ་དག་སོགས། བཞི་པ་ནི། གཞན་དག་ རང་གི་སོགས། གཉིས་པ་ལ་གསུམ། དངོས་དང། དེའི་འཐད་པ་དང། དོགས་པ་བསལ་པའོ། །དང་པོ་ནི། འགྲོ་བ་ཀུན་གྱི་སོགས། གཉིས་པ་ནི། ཕན་པར་བསམས་པ་སོགས། གསུམ་པ་ནི། སྡུག་བསྔལ་འདོར་འདོད་སོགས་ [003B] མ་བཅོལ་ཡང་སྙིང་རྗེ་ཆེན་པོས་དྲངས་ནས་གྲོགས་མཛད་པས་བསྔགས་བར་འོས་པ་དང། ཕན་བཅུང་ཟད་བསྒྲུབ་པ་ལ་བསྟོད་པར་འོས་ན་ཕན་བདེ་མཐའ་དག་བསྒྲུབ་པ་ལ་ཆེས་བསྔགས་ པར་འོས་པ་དང། ཞིང་མཆོག་ཏུ་གྱུར་པས་བསྔགས་པར་འོས་པའོ། །དང་པོ་ནི། ཕན་བཏགས་ལན་ལྡོན་སོགས། གཉིས་པ་ནི། འགྲོ་བ་ཉུང་ཟད་སོགས། གསུམ་པ་ལ་གསུམ། བྱང་ཆུབ་སེམས་དཔའ་ལ་ཅུང་ཟད་ཙམ་ཡང་སྨད་པར་མི་རིགས་པའི་རྒྱུ་ མཚན་དང། དད་པ་བསྒོམ་པར་རིགས་པའི་རྒྱུ་མཚན་དང། དེས་ན་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་འོས་པའོ། །དང་པོ་ནི། གང་ཞིག་དེ་འདྲའི་སོགས། གཉིས་པ་ནི། འོན་ཏེ་གང་ཞིག་སོགས། གསུམ་པ་ནི། རྒྱལ་སྲས་རྣམས་ལ་སོགས། གཉིས་ བ་ལེའུ་མཚན་ནི། བྱང་ཆུབ་སེམས་དཔའི་སོགས། འདིས་འོག་མ་རྣམས་ལ་འགྲོ། ༈ གཉིས་པ་བྱང་ཆུབ་ཀྱི་སེམས་གཉིས་བསྐྱེད་ནས་སྤྱོད་པ་ལ་སློབ་པའི་ཚུལ་ལ་གཉིས། བྱང་ཆུབ་ཀྱི་སེམས་གཟུང་པ་དང། སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་ལ་ སློབ་པའི་ཚུལ་ལོ། །དང་པོ་ལ་གཉིས། སྦྱོར་པའི་ཡན་ལག་ཕྱག་དང་མཆོད་པ་དང་སྐྱབས་འགྲོ་སྔོན་དུ་བཏང་སྟེ་སྟོབས་བཞི་ཚང་བའི་སྒོ་ནས་འགལ་རྐྱེན་སྡིག་པ་བཤགས་པ་དང། དགེ་བ་ལ་རྗེས་སུ་ཡི་རང་བ་སོགས་མཐུན་རྐྱེན་ཚོགས་གསོག་བ་སྔོན་དུ་བཏང་ སྟེ་སེམས་གཟུང་བ་དངོས་སོ། །དང་པོ་ལ་གཉིས། ལེའུ་གཞུང་བཤད་པ་དང། ལེའུ་མཆིན་ནོ། །དང་པོ་ལ་བཞི། མཆོད་པ་དང། ཕྱག་དང། སྐྱབས་འགྲོ་དང། སྡིག་པ་བཤགས་པའོ། །དང་པོ་ལ་གཉིས། མཆོད་པ་ཕུལ་པའི་དགོས་པ་དང། མཆོད་པ་དངོས་སོ། ། [004A]༄༅། །དང་པོ་ནི། རིན་ཆེན་སེམས་དེ་སོགས། གཉིས་པ་ལ་གསུམ། བདག་པོས་མ་བཟུང་བའི་རྫས་ཀྱི་མཆོད་པ་དང། རང་གི་ལུས་དབུལ་བ་དང། བློས་སྤྲུལ་པའི་མཆོད་པའོ། །དང་པོ་ལ་གསུམ། མཆོད་པའི་ རྫས་དང། ཇི་ལྟར་དབུལ་བའི་ཚུལ་དང། བདག་པོས་མ་བཟུང་བའི་རྫས་འབུལ་བའི་རྒྱུ་མཚན་ནོ། །དང་པོ་ནི། མེ་ཏོག་འབྲས་བུ་སོགས། གཉིས་པ་ནི། ནམ་མཁའ་རབ་འབྱམས་སོགས། གསུམ་པ་ནི། བདག་ནི་བསོད་ནམས་སོགས། གཉིས་ བ་རང་གི་ལུས་དབུལ་བ་ནི། རྒྱལ་དང་དེ་སྲས་སོགས། གསུམ་པ་བློས་སྤྲུལ་པའི་མཆོད་པ་ལ་གཉིས། བླ་ན་ཡོད་པའི་མཆོད་པ། བླ་ན་མེད་པའི་མཆོད་པའོ། །དང་པོ་ལ་བཅུ་གཉིས། ཁྲུས་དང། ན་བཟའ། རྒྱན༑ བྱུག་པ། མེ་ཏོག་སྤོས་ ཞལ་ཟས། སྣང་གསལ། གཞལ་མེད་ཁང་དབུལ་བ་དང། གདུགས་དང། རོལ་མོ་དང། མཆོད་པའི་རྣམ་པ་རྒྱུན་མི་འཆད་པར་བྱིན་གྱིས་བརླབ་པའོ། །དང་པོ་ལ་གསུམ། ཁྲུས་ཁང་བསྐྱེད་པ། ཁྲུས་གསོལ་བའི་ཚུལ། སྐུ་དབྱི་བའོ། །དང་པོ་ནི། ཁྲུས་ཀྱི་ཁང་པ་ སོགས། གཉིས་པ་ནི། དེ་བཞིན་གཤེགས་དང་སོགས། གསུམ་པ་ནི། དེ་དག་སྐུ་ལ་སོགས། གཉིས་པ་ན་བཟའ་དབུལ་བ་ནི། དེ་ནས་དེ་ལ་སོགས། གསུམ་པ་ནི། རྒྱན་མཆོག་བརྒྱ་ཕྲག་སོགས། བཞི་པ་ནི། སྟོང་གསུམ་ཀུན་ཏུ་སོགས་ ལྔ་པ་ནི། ཐུབ་དབང་མཆོད་གནས་སོགས། དྲུག་བ་ནི། སྤོས་མཆོག་ཡིད་འཕྲོག་སོགས། བདུན་པ་ནི། ཞལ་ཟས་བཟའ་བཏུང་སོགས། བརྒྱད་པ་ནི། གསེར་གྱི་པདྨ་སོགས། དགུ་པ་ནི། ས་གཞི་བསྟར་བ་སོགས། བཅུ་པ་ནི། རིན་ཆེན་གདུགས་ [004B] བཅུ་གཅིག་པ་ནི། དེ་ལས་གཞན་ཡང་སོགས། བཅུ་གཉིས་པ་ནི། དམ་ཆོས་དཀོན་མཆོག་སོགས། གཉིས་པ་བླ་ན་མེད་པའི་མཆོད་པ་ནི། ཇི་ལྟར་འཇམ་དབྱངས་སོགས། གཉིས་པ་ཕྱག་འཚལ་བ་ལ་གཉིས། དག་གིས་བསྟོད་པ་བརྗོད་ པ་དང། ལུས་ཀྱིས་འདུད་པའོ། །དང་པོ་ནི། ཡོན་ཏན་རྒྱ་མཚོ་སོགས། གཉིས་པ་ལ་གསུམ། དཀོན་མཆོག་གསུམ་དང། བྱང་ཆུབ་ཀྱི་སེམས་སྐྱེ་བའི་གཞི་སོགས་དང། མཁན་སློབ་སོགས་ལ་ཕྱག་འཚལ་བའོ། །དང་པོ་ནི། དུས་གསུམ་གཤེགས་ པའི་སོགས། གཉིས་པ་ནི། བྱང་ཆུབ་སེམས་ཀྱི་སོགས། གསུམ་པ་ནི། མཁན་པོ་དེ་བཞིན་སོགས། གསུམ་པ་སྐྱབས་སུ་འགྲོ་བ་ནི། བྱང་ཆུབ་སྙིང་པོར་སོགས། བཞི་པ་སྟོབས་བཞི་ཚང་བའི་སྒོ་ནས་སྡིག་པ་བཤགས་པ་ལ། སྤྱིའི་རྣམ་གཞག་ དང༑ སོ་སོའི་དོན་ནོ། །སོ་སོའི་དོན་ལ་བཞི་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པའི་སྟོབས་དང། རྟེན་གྱི་སྟོབས་དང། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང། ཉེས་པ་ལས་སླར་ལྡོག་པའི་སྟོབས་སོ། །དང་པོ་ལ་བཞི་སྟེ། སྡིག་པ་ཇི་ལྟར་བྱས་ པའི་ཚུལ་བརྟགས་ཏེ་འགྱེད་པ་བྱ་བ་དང། སྡིག་པ་དང་བཅས་བཞིན་དུ་འཆི་བས་འཇིགས་ནས་འགྱོད་པ་བསྒོམ་ཞིང་སྐྱབས་སུ་འགྲོ་བ་དང། དོན་མེད་པའི་སྡིག་པ་བྱས་པའི་ཚུལ་རྒྱས་པར་བསམས་ནས་འགྱོད་པ་བསྒོམ་པ་དང། སྡིག་པས་འཇིགས་ པའི་ཚུལ་བསམ་པའོ། །དང་པོ་ལ་བཞི། གང་ལ་སྡིག་བ་བཤགས་པའི་ཡུལ་ལ་མཁྱེན་པར་གསོལ་བ་དང། དུས་དང་རྒྱུ་དང་རྣམ་པ་སོགས་ཀྱི་སྒོ་ནས་སྡིག་པ་བྱས་པ་སྤྱིར་བཤགས་པ། ཡུལ་ཁྱད་པར་ཅན་ལ་སྡིག་པ་སྟོབས་ལྡན་བྱས་པ་བཤགས་ [005A]༄༅། །པ༑ མི་འདོད་པའི་འབྲས་བུ་ལ་བསམས་ཏེ་འགྱོད་པས་བཤགས་པའོ། །དང་པོ་ནི། ཕྱོགས་རྣམས་ཀུན་ན་སོགས། གཉིས་པ་ནི། ཐོག་མ་མེད་ལྡན་སོགས། གསུམ་པ་ནི། བདག་གིས་དཀོན་མཆོག་ སོགས། བཞི་པ་ནི། ཉེས་པ་དུ་མའི་སོགས། གཉིས་པ་སྡིག་པ་དང་བཅས་བཞིན་དུ་འཆི་བས་འཇིགས་ནས་འགྱོད་པ་བསྒོམ་ཞིང་སྐྱབས་སུ་འགྲོ་བ་ནི། བདག་ནི་སྡིག་བ་སོགས། གསུམ་པ་དོན་མེད་པར་སྡིག་པ་བྱས་ཚུལ་རྒྱས་པར་བསམས་ནས་ འགྱོད་པ་ལ་བཞི། གཉེན་དང་ལུས་ལོངས་སྤྱོད་སོགས་ཡིད་བརྟན་མི་རུང་བར་མ་ཤེས་པས་དེ་དག་གི་དོན་དུ་སྡིག་པ་བྱས་པ་འགྱོད་པ་དང། འཆི་བའི་ཚེ་དྲན་པའི་ཡུལ་ཙམ་དུ་འགྱུར་བའི་དཔེ་དང། ཡིད་བརྟན་མི་རུང་བ་ད་ལྟར་ཡང་མངོན་ སུམ་དུ་གྲུབ་པས་དེ་དག་གི་དོན་དུ་སྡིག་པ་བྱས་པ་འགྱོད་པ་དང། རང་ཉིད་ནམ་འཆི་ངེས་པ་མེད་པར་མ་རྟོགས་པས་སྡིག་པ་བྱས་པ་འགྱོད་པའོ། །དང་པོ་ནི། ཐམས་ཅད་བོར་ཏེ་སོགས། གཉིས་པ་ནི། རྨི་ལམ་ཉམས་སུ་སོགས། གསུམ་ བ་ནི༑ རེ་ཤིག་གསོན་ཚེ་སོགས། བཞི་པ་ནི། དེ་ལྟར་བདག་ནི་སོགས། བཞི་པ་སྡིག་པས་འཇིགས་པའི་ཚུལ་བསམ་པ་ལ་བཞི། ཚེ་ལ་སྣོན་པ་མེད་ཅིང་འབྲིད་བྱེད་བར་མཆད་དུ་ཡོད་པས་ངེས་པར་འཆི་ཞིང་སྡིག་པ་དང་བཅས་བཞིན་དུ་འཆི་བས་ འཇིགས་པ་དང། སྡིག་པ་མ་དག་ན་ཚེ་འདི་ཉིད་དུ་ཡང་སྡུག་བསྔལ་མྱོང་དགོས་པ་དང། འཇིགས་པ་ཆེན་པོ་འབྱུང་བའི་རྒྱུ་མཚན་དང། ཕྱི་མར་སྡུག་བསྔལ་གྱིས་གདུང་བར་འགྱུར་བའི་ཚུལ་ལོ། །དང་པོ་ནི། ཉིན་མཚན་སྡོད་པ་སོགས་ [005B] སྡིག་པ་མ་བྱང་ན་སྲོག་འཆད་པའི་སྡུག་བསྔལ་གཉེན་བཤེས་སོགས་ཀྱིས་སྐྱོབ་མི་ནུས་པ་དང། བསོད་ནམས་མ་བྱས་པས་འཇིགས་པ་དང། འགྱོད་པས་གདུངས་པའོ། །དང་པོ་ནི། བདག་ནི་མལ་ན་སོགས། གཉིས་པ་ནི། དེ་ཚེ་ བསོད་ནམས་སོགས། གསུམ་པ་ནི། མགོན་པོ་བག་མེད་སོགས། གསུམ་པ་འཇིགས་པ་ཆེན་པོ་འབྱུང་བའི་རྒྱུ་མཚན་ནི། སྐྱེ་བོ་ཡན་ལག་སོགས། བཞི་པ་ཕྱི་མར་སྡུག་བསྔལ་གྱིས་གདུང་བར་འགྱུར་བའི་ཚུལ་ནི། སུ་ཞིག་འཇིགས་ཆེན་སོགས་ གཉིས་བ་རྟེན་གྱི་སྟོབས་ལ་གསུམ། ད་ལྟ་ཉིད་ནས་དཀོན་མཆོག་གསུམ་གྱི་སྐྱབས་ལ་བརྟེན་པ་དང། སྨོན་ལམ་གྱི་སྟོབས་ཅན་གྱི་རྒྱལ་བའི་སྲས་ལ་བརྟེན་པ་དང། སྐྱབས་སུ་སོང་ནས་དེ་དག་གི་བཀའ་བཞིན་དུ་བསྒྲུབ་པའོ། །དང་པོ་ནི་ དེ་བས་རྒྱལ་བ་སོགས། གཉིས་པ་ནི། བདག་ནི་འཇིགས་པས་སོགས། གསུམ་པ་ནི། སྔོན་ཆད་ཁྱེད་ཀྱི་སོགས། གསུམ་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ལ་གཉིས། སྡིག་པ་སྦྱོང་བ་ལ་འབད་པར་རིགས་པའི་རྒྱུ་མཚན་དང། མྱུར་དུ་ འབད་པར་རིགས་པའོ། །དང་པོ་ལ་གཉིས། ནད་ཀྱི་དཔེས་སྡིག་པ་མྱུར་དུ་སྦྱང་དགོས་པ་དང། གཡང་སའི་དཔེས་སྦྱང་དགོས་པར་བསྟན་པའོ། །དང་པོ་ལ་གསུམ། དཔེ་དོན་དགོད་པ་དང། དུག་གསུམ་གྱི་ནད་ཉེས་དམིགས་ཆེ་ཞིང་དེ་ འཇོམས་པའི་སྨན་དཀོན་པ་དང། དེས་ན་སྨན་པ་མཆོག་སྟོན་པའི་གསུང་ལྟར་སྒྲུབ་རིགས་པའོ། །དང་པོ་ནི། ཐ་མལ་ནད་ཀྱིས་སོགས། གཉིས་པ་ནི། དེ་གཅིག་གིས་ཀྱང་སོགས། གསུམ་པ་ནི། དེ་ལ་སྨན་པ་སོགས། གཉིས་པ་གཡང་སའི་ [006A]༄༅། །དཔེས་སྦྱང་དགོས་པར་བསྟན་པ་ནི། གཡང་ས་ཐ་མལ་སོགས། གཉིས་པ་མྱུར་དུ་འབད་རིགས་པ་ལ་གཉིས། དེ་རིང་ཉིད་ནས་སྡིག་པའི་གཉེན་པོ་བསྟེན་པ་ལ་འབད་པར་བྱ་བ་དང། སྡུག་བསྔལ་གྱིས་མི་འཇིགས་ བ་ལ་རྒྱུ་མཚན་ཅི་ཡང་མེད་པས་ལམ་བསྒོམ་པ་ལ་ལེ་ལོ་བྱ་བར་མི་རིགས་པའོ། །དང་པོ་ནི། དེ་རིང་ཁོ་ན་སོགས། གཉིས་པ་ནི། བདག་ལ་མི་འཇིགས་སོགས། བཞི་པ་ཉེས་པ་ལས་སླར་ལྡོག་པའི་སྟོབས་ལ་གསུམ། སྡིག་པ་ལ་འགྱོད་པས་ཕྱིན་ ཆད་སྡོམ་པ་དང། སྔར་བྱས་བཤགས་པ་དང། མཁྱེན་པར་གསོལ་ནས་ཉེས་པ་ལས་ལྡོག་པར་དམ་བཅའ་བའོ། །དང་པོ་ལ་གཉིས། དོན་མེད་པའི་སྡིག་པ་སྤང་བ་དང། ཉིན་མཚན་ཀུན་ཏུ་སྡིག་པ་ལས་ཐར་བའི་ཐབས་ལ་འབད་པའོ། ། དང་པོ་ལ་གཉིས། ལོངས་སྤྱོད་ལ་ཡིད་བརྟན་མི་རུང་བས་ཆགས་པར་མི་རིགས་པ་དང། གཉེན་སོགས་ལ་ཆགས་པར་མི་རིགས་པའོ། །དང་པོ་ནི། སྔོན་ཆད་མྱོང་སྟེ་སོགས། གཉིས་པ་ནི། གསོན་ཚེ་འདི་དང་སོགས། གཉིས་པ་ཉིན་མཚན་ ཀུན་ཏུ་སྡིག་པ་ལས་ཐར་བའི་ཐབས་ལ་འབད་པ་ནི། མི་དགེ་བ་ལས་སོགས། གཉིས་པ་སྡིག་པ་སྔར་བྱས་བཤགས་པ་ལ་གཉིས། བཤགས་བྱའི་དངོས་པོ་དང། བཤགས་པའི་ཚུལ་ལོ། །དང་པོ་ནི། བདག་ནི་མི་ཤེས་སོགས། གཉིས་པ་ ནི༑ མགོན་པོའི་སྤྱན་སྔར་སོགས། གསུམ་པ་མཁྱེན་པར་གསོལ་ནས་ཉེས་པ་ལས་ལྡོག་པར་དམ་བཅའ་བ་ནི། འདྲེན་པ་རྣམས་ཀྱིས་སོགས། ༈ གཉིས་པ་དགེ་བ་ལ་རྗེས་སུ་ཡི་རང་བ་སོགས་མཐུན་རྐྱེན་ཚོགས་གསོག་པ་ [006B] ལེའུ་གཞུང་བཤད་པ་དང། ལེའུ་མཚན་ནོ། །དང་པོ་ལ་གསུམ། སྦྱོར་བ་དང། དངོས་གཞི་དང། མཇུག་གི་བྱ་བའོ། །དང་པོ་ལ་ལྔ། དགེ་བ་ལ་རྗེས་སུ་ཡི་རང་བ་དང་ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང། དགེ་བ་བསྔོ་པ་དང། སྦྱིན་པའི་ཕར་ཕྱིན་ཉམས་སུ་ལེན་པའི་ཡན་ལག་སྔོན་དུ་ལུས་ལོངས་སྤྱོད་དགེ་རྩ་གཏོང་བའི་སེམས་པ་སྦྱང་བའོ། །དང་པོ་ལ་ གསུམ། མངོན་མཐོ་རྒྱུ་འབྲས་ཀྱི་དགེ་བ་ལ་རྗེས་སུ་ཡིད་རང་བ་དང། ཐར་པ་ཙམ་གྱི་རྒྱུ་འབྲས་ཀྱི་དགེ་བ་ལ་རྗེས་སུ་ཡི་རང་བ་དང། བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་འབྲས་ལ་ཡི་རང་བའོ། །དང་པོ་ནི། སེམས་ཅན་ཀུན་གྱི་སོགས། གཉིས་པ་ནི། བྱང་ ཆུབ་རྒྱུར་གྱུར་སོགས། གསུམ་པ་ནི། སྐྱོབ་པ་རྣམས་ཀྱི་སོགས། གཉིས་པ་ཆོས་འཁོར་བསྐོར་བར་བསྐུལ་བ་ནི། ཕྱོགས་རྣམས་ཀུན་གྱི་སོགས། གསུམ་པ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་ནི། རྒྱལ་བ་མྱ་ངན་སོགས། བཞི་པ་དགེ་བ་ བསློ་བ་ལ་བཞི། སྤྱིར་བསྔོ་བ་དང། ནད་པའི་དོན་དུ་བསྔོ་བ་དང། བཀྲེས་སྐོམ་སེལ་བའི་དོན་དུ་བསྔོ་བ་དང། འདོད་དགུ་འབྱུང་བའི་རྒྱུར་བསྔོ་བའོ། །དང་པོ་ནི། དེ་ལྟར་འདི་དག་སོགས། གཉིས་པ་ནི། འགྲོ་བ་ནད་པ་སོགས། གསུམ་པ་ནི། ཇས་དང་ སྐོམ་གྱི་སོགས། བཞི་པ་ནི། སེམས་ཅན་ཕོངས་ཤིང་སོགས། ལྔ་པ་སྦྱིན་པའི་ཕར་ཕྱིན་ཉམས་སུ་ལེན་པའི་ཡན་ལག་སྔོན་དུ་ལུས་ལོངས་སྤྱོད་དགེ་རྩ་གཏོང་བའི་སེམས་པ་སྦྱང་བ་ལ་གསུམ། ལུས་ལོངས་སྤྱོད་དགེ་རྩ་གཏོང་བའི་བསམ་པ་སྦྱང་བ་ [007A]༄༅། །དང༑ དགེ་བ་ཆུད་མི་ཟ་བའི་རྒྱུ་རུ་སྨོན་པ་དང། ལོངས་སྤྱོད་པའི་རྒྱུ་རུ་སྨོན་པའོ། །དང་པོ་ལ་གསུམ། གཏོང་བའི་ཚུལ་དང། ངེས་པར་བཏང་རིགས་པའི་རྒྱུ་མཚན་དང། བཏང་ནས་ཇི་ལྟར་སྒྲུབ་པའི་ཚུལ་ ལོ༑ ༑དང་པོ་ནི། ལུས་དང་དེ་བཞིན་སོགས། གཉིས་པ་ལ་གཉིས། ཐམས་ཅད་ལ་ཆགས་པ་སྤངས་ཤིང་བཏང་བས་མྱང་འདས་ཐོབ་པ་དང། སེམས་ཅན་སྦྱིན་པའི་ཞིང་མཆོག་ཡིན་པས་དེ་ལ་གཏོང་རིགས་པའོ། །དང་པོ་ནི། ཐམས་ཅད་བཏང་ བས་སོགས། གཉིས་པ་ནི། ཐམས་ཅད་གཏོང་བར་སོགས། གསུམ་པ་བཏང་ནས་ཇི་ལྟར་སྒྲུབ་པའི་ཚུལ་ལ་གསུམ། དེང་ཕྱིན་ཆད་རང་གི་ལུས་ལ་རང་དབང་ཡོད་པའི་བློ་དོར་བ་དང། དེའི་དོན་རྒྱས་པར་བཤད་པ་དང། རིགས་པའི་ ལས་ལ་སྦྱར་བའོ། །དང་པོ་ནི། བདག་གིས་ལུས་ཅན་སོགས། གཉིས་པ་ནི། བདག་གི་ལུས་ལ་སོགས། གསུམ་པ་ནི། དེ་ལ་གནོད་པར་སོགས། གཉིས་པ་དགེ་བ་ཆུད་མི་ཟ་བའི་རྒྱུར་བསྔོ་པ་ལ་གསུམ། གཞན་ ལ་ཕན་པ་འབའ་ཞིག་གི་རྒྱུར་སྨོན་པ་དང། བསམ་པ་ཆུད་མི་ཟ་བའི་རྒྱུར་སྨོན་པ་དང། སྦྱོར་བ་ཆུད་མི་ཟ་བའི་རྒྱུར་སྨོན་པའོ། །དང་པོ་ནི། བདག་ལ་དམིགས་ནས་ནམ་དུ་ཡང། །སོགས། གཉིས་པ་ནི། བདག་ལ་དམིགས་ནས་གང་དག་གི་ སོགས། གསུམ་པ་ནི། གང་དག་བདག་ལ་སོགས། གསུམ་པ་ལོངས་སྤྱོད་པའི་རྒྱུ་རུ་སྨོན་པ་ལ་གསུམ། རང་ཉིད་གཞན་གྱི་ཉེར་མཁོ་མཐའ་དག་གི་རྒྱུར་སྨོན་པ་དང། དུས་དང་བྱེད་ལས་རྒྱ་ཆེ་བར་སྨོན་པ་དང། ཡུལ་དུས་ཆད་པ་མེད་པར་ [007B] །དང་པོ་ནི། བདག་ནི་མགོན་མེད་སོགས། གཉིས་པ་ནི། ས་སོགས་འབྱུང་བ་སོགས། གསུམ་པ་ནི། དེ་བཞིན་ནམ་མཁའི་སོགས། གཉིས་པ་དངོས་གཞི་ནི། ཇི་ལྟར་སྔོན་གྱི་སོགས། གསུམ་པ་མཇུག་ལ་གཉིས་རང་དགའ་བ་ བསྒོམ་པ་དང། གཞན་དགའ་བ་བསྐྱེད་དུ་གཞུག་པའོ། །དང་པོ་ལ་གཉིས། རང་གི་དོན་གྲུབ་པ་དང། གཞན་གྱི་དོན་གྲུབ་པའོ། །དང་པོ་ལ་གསུམ། སེམས་གཟེངས་བསྟོད་དེ་དགའ་བ་བསྒོམ་པ་དང། སེམས་དེ་རྙེད་ནས་བག་ཡོད་བསྒོམ་པ་ དང། རྙེད་དཀའ་བའི་སེམས་རྙེད་བས་དགའ་བ་བསྒོམ་པའོ། །དང་པོ་ནི། དེ་ལྟར་བློ་དང་སོགས། གཉིས་པ་ནི། ད་ནི་བདག་གིས་སོགས། གསུམ་པ་ནི། ལོང་བས་ཕྱག་དར་སོགས། གཉིས་པ་གཞན་གྱི་དོན་གྲུབ་པ་ལ་གསུམ། སེམས་ ཅན་གྱི་སྡུག་བསྔལ་སེལ་ནུས་པ་དང། དེའི་རྒྱུ་སྒྲིབ་པ་སེལ་ནུས་པ་དང། ཕན་བདེ་མཐའ་དག་སྒྲུབ་ནུས་པའོ། དང་པོ་ལ་ལྔ། འགྲོ་བའི་འཆི་བདག་འཇོམས་པ་དང། དབུལ་བ་འཇོམས་པ་དང། ནད་འཇོམས་པ་དང། སྤྱིར་སྲིད་པའི་སྡུག་ བསྔལ་འཇོམས་པ་དང། ཁྱད་པར་ངན་འགྲོའི་སྡུག་བསྔལ་འཇོམས་པའོ། །དང་པོ་ནི། འགྲོ་བའི་འཆི་བདག་སོགས། གཉིས་པ་ནི། འགྲོ་བའི་དབུལ་བ་སོགས། གསུམ་པ་ནི། འགྲོ་བའི་ནད་རབ་སོགས། བཞི་པ་ནི། སྲིད་ལམ་འཁྱར་ ཞིང་སོགས། ལྔ་པ་ནི། འགྲོ་བ་ཐམས་ཅད་སོགས། གཉིས་པ་དེའི་རྒྱུ་སྒྲིབ་པ་སེལ་ནུས་པ་ལ་གཉིས། ཉོན་སྒྲིབ་སེལ་བ་དང། ཤེས་སྒྲིབ་སེལ་བའོ། །དང་པོ་ནི། འགྲོ་བའི་ཉོན་མོངས་སོགས། གཉིས་པ་ནི། འགྲོ་བའི་མི་ཤེས་སོགས་ [008A]༄༅། །གསུམ་པ་ཕན་བདེ་མཐའ་དག་སྒྲུབ་ནུས་པ་ལ་གཉིས། ཕན་པ་མཐའ་དག་སྒྲུབ་པ་དང། བདེ་བ་མཐའ་དག་སྒྲུབ་པའོ། །དང་པོ་ནི། དམ་ཆོས་འོ་མ་སོགས། གཉིས་པ་ནི། འགྲོ་བའི་འགྲོན་པོ་སོགས། གཉིས་ པ་གཞན་དགའ་བ་བསྐྱེད་དུ་གཞུག་པ་ནི། བདག་གིས་དེ་རིང་སོགས། ༈ གཉིས་པ་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་ཚུལ་ལ་བཞི། བྱང་ཆུབ་ཀྱི་སེམས་སྤྱོད་པ་དང་བཅས་པ་མི་ཉམས་པར་བྱེད་པའི་ཡན་ལག་བག་ཡོད་སྒོམ་ ཚུལ་དང། ཚུལ་ཁྲིམས་ལ་སློབ་པའི་ཚུལ་དགེ་བའི་ཆོས་ཀུན་དག་པར་བསྲུང་བའི་ཐབས་དྲན་པ་དང་ཤེས་བཞིན་སྐྱོང་ཚུལ་གྱིས་ཁྱད་པར་དུ་བྱས་ནས་བཤད་པ་དང། ཕར་ཕྱིན་ལྷག་མ་བཞི་ལ་སློབ་ཚུལ་བཤད་པ་དང། ལུས་ལོངས་སྤྱོད་དགེ་ རྩ་གཞན་དོན་དུ་གཏོང་བའི་སྦྱིན་པ་ལ་སློབ་ཚུལ་བསྔོ་བའི་ཡན་ལག་གི་སྒོ་ནས་བཤད་པའོ། །དང་པོ་ལ་གཉིས། ལེའུ་གཞུང་བཤད་པ་དང། ལེའུ་མཚན་ནོ། །དང་པོ་ལ་གསུམ། བག་ཡོད་སྒོམ་ཚུལ་མདོར་བསྟན་པ་དང། རྒྱས་བར་བཤད་ པ་དང། དོན་བསྡུ་བའོ། །དང་པོ་ནི། རྒྱལ་བའི་སྲས་ཀྱིས་སོགས། གཉིས་པ་རྒྱས་པར་བཤད་པ་ལ་གཉིས། བྱང་ཆུབ་ཀྱི་སེམས་ལ་བག་ཡོད་བསྒོམ་པ་དང། བསླབ་པ་ལ་བག་ཡོད་བྱ་བའོ། །དང་པོ་ལ་གཉིས། བྱང་ཆུབ་ཀྱི་སེམས་དོར་དུ་མི་རུང་བའི་རྒྱུ་ མཚན་དང། དོར་བའི་ཉེས་དམིགས་སོ། །དང་པོ་ནི། བབ་ཅོལ་བརྩམས་པ་སོགས། གཉིས་པ་དོར་བའི་ཉེས་དམིགས་ལ་གསུམ། ངན་འགྲོར་འགྲོ་བའི་ཉེས་དམིགས་དང། གཞན་དོན་ལས་ཉམས་པར་འགྱུར་བ་དང། ས་ཐོབ་པ་ལ་ཐག་ [008B] །དང་པོ་ལ་གསུམ། ངན་འགྲོར་འགྲོ་བའི་རྒྱུ་མཚན་དང། དེ་ལ་ཤེས་བྱེད་དགོད་པ་དང། འགལ་བ་སྤང་བའོ། །དང་པོ་ནི། གལ་ཏེ་དེ་ལྟར་སོགས། གཉིས་པ་ནི། དངོས་པོ་ཕལ་བ་སོགས། གསུམ་པ་ནི། མི་གང་བྱང་ཆུབ་ སོགས། གཉིས་པ་གཞན་དོན་ལས་ཉམས་པ་ལ་གསུམ། བྱང་ཆུབ་ཀྱི་སེམས་ཉམས་ནས་ལྟུང་བ་ལྕི་བ་དང་བཅས་པས་གཞན་དོན་ཉམས་པ་དང། བྱང་ཆུབ་སེམས་དཔའ་གཞན་གྱི་དགེ་བ་ལ་བར་ཆད་བྱས་ན་ཡང་དེ་དང་མཚུངས་ཤིང་ངན་འགྲོར་ འགྲོ་བ་དང། དེ་དག་གི་རྒྱུ་མཚན་ནོ། །དང་པོ་ནི། དེ་ནི་བྱང་ཆུབ་སོགས། གཉིས་པ་ནི། གང་གཞན་སྐད་ཅིག་སོགས། གསུམ་པ་ནི། སེམས་ཅན་གཅིག་གི་སོགས། གསུམ་པ་ས་ཐོབ་བ་ལ་ཐག་བསྲིངས་པར་འགྱུར་བ་ནི། དེ་ལྟར་ལྟུང་བ་སོགས། གཉིས་པ་ བསླབ་པ་ལ་བག་ཡོད་བྱ་བ་ལ་གསུམ། ཉེས་པ་སྤང་བ་ལ་བག་བྱ་བ་དང། དགེ་བ་བསྒོམ་པ་ལ་བག་བྱ་བ་དང། ཉོན་མོངས་སྤོང་བ་ལ་བག་བྱ་བའོ། །དང་པོ་ལ་ལྔ། སྡིག་ལྟུང་མ་སྤངས་ན་ངན་འགྲོར་བརྒྱུད་དགོས་པ་དང། སངས་རྒྱས་སྲས་བཅས་ ཀྱིས་བཏང་སྙོམས་སུ་མཛད་པ་དང། དལ་འབྱོར་རྙེད་དཀའ་བ་དང། ངན་འགྲོར་སྐྱེས་ན་དགེ་བ་སྒྲུབ་པའི་སྐབས་མེད་པ་དང། དལ་འབྱོར་རྙེད་དཀའ་བའི་རྒྱུ་མཚན་ནོ། །དང་པོ་ནི། དེ་ལྟས་ཇི་ལྟར་སོགས། གཉིས་པ་ནི། སེམས་ཅན་ཐམས་ ཅད་སོགས། གསུམ་པ་དལ་འབྱོར་རྙེད་དཀའ་བ་ལ་གཉིས། བྱང་ཆུབ་ཀྱི་སེམས་ཉམས་ན་རྐྱེན་འཁོར་ལོ་བཞི་དང་ལྡན་པའི་དལ་འབྱོར་ཐོབ་དཀའ་བ་དང། ཐོབ་པ་ཡང་མྱུར་དུ་འཇིག་པས་འབད་པར་བྱ་བའོ། །དང་པོ་ནི། དེ་བཞིན་གཤེགས་པ་སོགས་ [009A]༄༅། །གཉིས་པ་ནི། ནད་མེད་ཉི་མ་སོགས། བཞི་བ་ངན་འགྲོར་སྐྱེས་ན་དགེ་བ་སྒྲུབ་པའི་སྐབས་མེད་པ་ལ་གསུམ། ངན་འགྲོར་སྐྱེས་ན་དགེ་བ་སྒྲུབ་པའི་སྐབས་མེད་པ་དང། བདེ་འགྲོ་ཐོབ་པའི་ཚེ་མ་འབད་ ན་ངན་འགྲོར་བླང་དོར་ལ་རྨོངས་པར་འགྱུར་བ་དང། ངན་འགྲོ་ལས་ཤིན་ཏུ་ཐར་བར་དཀའ་བའོ། །དང་པོ་ནི། བདག་གི་སྤྱོད་པ་སོགས། གཉིས་པ་ནི། གང་ཚེ་དགེ་སྤྱད་སོགས། གསུམ་པ་ནི། དགེ་བ་དག་ཀྱང་སོགས། ལྔ་པ་དལ་འབྱོར་རྙེད་ དཀའ་བའི་རྒྱུ་མཚན་ནི། དེ་ཉིད་ཕྱིར་ན་སོགས། གཉིས་པ་དགེ་བ་བསྒོམ་པ་ལ་བག་བྱ་བ་ལ་གསུམ། སྔར་བསགས་པའི་སྡིག་པ་མཐའ་ཡས་བས་དེ་སྤོང་བ་ལ་འབད་པར་རིགས་པ་དང། ངན་འགྲོར་སྡུག་བསྔལ་ལན་ཅིག་མྱོང་བ་ཙམ་གྱིས་དེ་ཟད་ ནས་ངན་འགྲོ་ལས་མི་ཟད་པའི་རྒྱུ་མཚན་དང། དེས་ན་སྡིག་པའི་གཉེན་པོ་ལ་འབད་པར་རིགས་པའི་རྒྱུ་མཚན་ནོ། །དང་པོ་ནི། སྐད་ཅིག་གཅིག་བྱས་སོགས། གཉིས་པ་ནི། དེ་ཙམ་ཁོ་ན་སོགས། གསུམ་པ་ལ་བཞི། དལ་འབྱོར་ཐོབ་ནས་དགེ་བ་ལམ་ འབད་ན་རང་གིས་རང་བསླུས་པར་འགྱུར་བ་དང། ཚེ་འདིར་སྡུག་བསྔལ་མྱོང་དགོས་པ་དང། ཕྱི་མ་རང་ན་འགྲོའི་སྡུག་བསྔལ་གྱིས་གདུང་བར་འགྱུར་བ་དང། དེས་ན་སྡིག་པ་སྤོང་ཞིང་དགེ་བ་ལ་འབད་པར་རིགས་པའི་རྒྱུ་མཚན་ནོ། །དང་པོ་ ནི༑ འདི་འདྲའི་དལ་བ་སོགས། གཉིས་པ་ནི། གལ་ཏེ་བདག་གིས་སོགས། གསུམ་པ་ནི། དམྱལ་མེ་བཟོད་དཀས་སོགས། བཞི་པ་ལ་གཉིས། དལ་འབྱོར་ཆུད་གཞན་ནས་སླར་ཡང་དམྱལ་བར་ཁྲིད་ན་སེམས་མེད་པ་དང་མཚུངས་པ་དང་ [009B] །དང་པོ་ནི། ཤིན་ཏུ་རྙེད་དཀའ་སོགས། གཉིས་པ་ནི། ཅིས་རྨོངས་བདག་ཀྱང་སོགས། གསུམ་པ་ཉོན་མོངས་སྤོང་བ་ལ་བག་བྱ་བ་ལ་གསུམ། ཉོན་མོངས་པའི་ཉས་དམིགས་བསམ་པ་དང། ཉོན་མོང་ སྤོང་བའི་དཀའ་སྤྱད་ལ་སྐྱོ་བར་མི་རིགས་པ་དང། འབད་པས་སྤངས་ན་སྤོང་ནུས་པ་ཉིད་དུ་སྤྲོ་བ་བསྒོམ་པའོ། །དང་པོ་ལ་གསུམ། ཉོན་མོངས་ཀྱིས་རང་ལ་གནོད་པ་བྱེད་པའི་ཚུལ་བསམ་པ་དང། ཉོན་མོངས་ལ་བཟོད་པ་བསྒོམ་མི་རིགས་ པ་དང། དེ་གཞོམ་པའི་ཆེད་དུ་བློའི་སྟོབས་བསྐྱེད་པའོ། །དང་པོ་ལ་བཞི། རང་དབང་མེད་པར་བྱེད་པ་དང། སྡུག་བསྔལ་དཔག་མེད་ལ་སྦྱོར་བ་དང། གནོད་པ་བྱེད་པའི་དུས་མཐའ་ཡས་པ་དང། ཉོན་མོངས་ཀྱི་གྲོགས་བྱར་མི་རུང་བའི་ རྒྱུ་མཚན་ནོ། །དང་པོ་ནི། ཞེ་སྡང་སྲེད་སོགས་སོགས། གཉིས་པ་ནི། བདག་གི་སེམས་ལ་སོགས། གསུམ་པ་ནི། བདག་གི་ཉོན་མོངས་སོགས། བཞི་པ་ནི། མཐུན་པར་རིམ་གྲོ་སོགས། གཉིས་པ་ཉོན་མོངས་ལ་བཟོད་པ་བསྒོམ་མི་རིགས་ པ་ལ་གཉིས། སེམས་ལ་གནོད་པ་བྱེད་པ་དང། ལུས་ལ་གནོད་པ་བྱེད་པར་བསམ་པའོ། །དང་པོ་ནི། དེ་ལྟར་ཡུན་རིང་སོགས། གཉིས་པ་ནི། འཁོར་བའི་བཙོན་ར་སོགས། གསུམ་པ་དེ་གཞོམ་པའི་ཆེད་དུ་བློའི་སྟོབས་བསྐྱེད་པ་ནི། དེ་ལྟར་ཇི་ སྲིད་སོགས། གཉིས་པ་ཉོན་མོངས་སྤོང་བའི་དཀའ་སྤྱད་ལ་སྐྱོ་མི་རིགས་པ་ལ་གསུམ། ཉོན་མོངས་གཞོམ་ནུས་པའི་གོ་བགོ་ཞིང་དེའི་དཀའ་སྤྱད་ལ་སྐྱོ་བར་མི་བྱ་བ་དང། ཉོན་མོངས་གཞོམ་པའི་ཆེད་དུ་བརྩོན་པའི་ཕན་ཡོན་དང། དེས་ན་ཉོན་མོངས་ [010A]༄༅། །གཞོམ་པའི་སྦྱོར་བ་ལ་བརྩོན་པར་རིགས་པའོ། །དང་པོ་ནི། རང་བཞིན་འཆི་བས་སོགས། གཉིས་པ་ལ་གསུམ། རང་དོན་ཕུན་ཚོགས་ཀྱི་རྒྱུ་ཡིན་པས་དཀའ་སྤྱད་བཟོད་རིགས་པ་དང། གཞན་དོན་ཕུན་ ཚོགས་ཀྱི་རྒྱུ་ཡིན་པས་དཀའ་སྤྱད་བཟོད་རིགས་པ་དང། སྔར་དམ་བཅས་པ་མཐར་ཕྱིན་པར་བྱེད་དགོས་པའི་རྒྱུ་མཚན་ནོ། །དང་པོ་ནི། དོན་མེད་དགྲ་ཡིས་སོགས། གཉིས་པ་ནི། ཉ་པ་གདོལ་བ་སོགས། གསུམ་པ་ནི། ཕྱོགས་བཅུ་ནམ་ མཁའི་སོགས། གསུམ་པ་ཉོན་མོངས་གཞོམ་པའི་སྦྱོར་བ་ལ་བརྩོན་རིགས་པ་ལ་གཉིས། ཉོན་མོངས་པའི་གཉེན་པོ་ལ་འབད་པར་བྱ་བ་དང། དུས་ནམ་ཡང་ཉོན་མོངས་པའི་དབང་དུ་མི་འགྱུར་བ་ལ་འབད་པར་བྱ་བའོ། །དང་པོ་ནི། དེ་ལྟས་ཉོན་མོངས་ སོགས། གཉིས་པ་ནི། བདག་ནི་བསྲེགས་ཏེ་སོགས། གསུམ་པ་འབད་པས་སྤངས་ན་སྤོང་ནུས་པ་ཉིད་དུ་སྤྲོ་བ་བསྒོམ་པ་ལ་གསུམ། རང་རྒྱུད་ཀྱི་ཉོན་མོངས་རྩ་བ་ནས་ཕྱུང་ན་དེ་གནས་པའི་རྟེན་མེད་པ་དང། རྒྱུ་ཕྱིན་ཅི་ལོག་ལས་བྱུང་བས་བརྩོན་པ་ བསྟེན་ན་སྤོང་ནུས་པ་དང། རྩ་བ་ནས་ཕྱུང་ན་དེ་གནས་པའི་རྟེན་གང་ན་ཡང་མེད་ཅིང་སྤོང་རིགས་པའོ། །དང་པོ་ནི། ཐ་མལ་དགྲ་བོ་སོགས། གཉིས་པ་ནི། ཉོན་མོངས་ཉོན་མོངས་སོགས། གསུམ་པ་ནི། ཉོན་མོངས་རྣམས་ནི་སོགས། གསུམ་པ་དོན་ བསྡུ་བ་ནི། དེ་ལྟར་རྣམ་བསམས་སོགས། ༈ གཉིས་པ་དགེ་བའི་ཆོས་ཀུན་དག་པར་བསྲུང་བའི་ཐབས་དྲན་པ་དང་ཤེས་བཞིན་སྐྱོང་ཚུལ་གྱིས་ཁྱད་པར་དུ་བྱས་ནས་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་སློབ་པའི་ཚུལ་བཤད་པ་ལ་གཉིས། ཉམས་ [010B] ཚིག་ཙམ་མ་ཡིན་པར་དོན་ཉམས་སུ་བླངས་དགོས་བས་མཇུག་བསྡུ་པའོ། །དང་པོ་ལ་བཞི། བསླབ་པ་བསྲུང་བའི་ཐབས་སེམས་བསྲུང་བ་དང། སེམས་བསྲུང་བའི་ཐབས་དྲན་པ་ཤེས་བཞིན་བསྲུང་པ་དང་ དྲན་པ་ཤེས་བཞིན་གྱིས་སེམས་བསྲུང་བའི་སྤྱོད་པ་ལ་བསླབ་པའི་ཚུལ་དང། བསླབ་པ་ཕུན་སུམ་ཚོགས་པའི་ཡན་ལག་གོ། དང་པོ་ལ་གསུམ། སེམས་བསྲུངས་པས་ཐམས་ཅད་བསྲུང་བར་འགྱུར་བ་དང། དེའི་རྒྱུ་མཚན་དང། སེམས་བསྲུང་བ་ལ་ འབད་པའོ། །དང་པོ་ནི། བསླབ་པ་བསྲུང་བར་སོགས། གཉིས་པ་དེའི་རྒྱུ་མཚན་ལ་གཉིས། ཉེས་པ་སེམས་ལ་རག་ལས་པ་དང། ཡོན་ཏན་སེམས་ལ་རག་ལས་པའོ། །དང་པོ་ནི། འདི་ལྟར་འཇིགས་པ་སོགས། གཉིས་པ་ཡོན་ཏན་སེམས་ལ་ རག་ལས་པ་ལ་དྲུག་སྦྱིན་པ་གཏོང་བའི་སེམས་དང། ཚུལ་ཁྲིམས་སྤོང་བའི་སེམས་དང། བཟོད་བཞི་བའི་སེམས་དང། བརྩོན་འགྲུས་སྤྲོ་བའི་སེམས་དང། བསམ་གཏན་མ་གཡེངས་པའི་སེམས་དང། ཤེས་རབ་དེ་ཉིད་ཤས་པའི་སེམས་ལ་ ཞེས་བར་འགྲུབ་པའོ། །དང་པོ་ནི། གལ་ཏེ་འགྲོ་བ་སོགས། གཉིས་པ་ནི། ཉ་ལ་སོགས་པ་སོགས། གསུམ་པ་ནི། སེམས་ཅན་མི་བསྲུན་སོགས། བཞི་པ་ནི། སེམས་གསལ་གཅིག་བསྐྱེད་སོགས། ལྔ་པ་ནི། བཟླས་བརྗོད་དང་ནི་སོགས། དྲུག་ པ་ནི༑ གང་གིས་ཆོས་ཀྱི་སོགས། གསུམ་པ་སེམས་བསྲུང་བ་ལ་འབད་པ་ནི། དེ་ལྟས་བདག་གི་སོགས། གཉིས་པ་སེམས་བསྲུང་བའི་ཐབས་དྲན་པ་དང་ཤེས་བཞིན་བསྲུང་བ་ལ་གཉིས། མདོར་བསྟན་པ་དང། རྒྱས་པར་བཤད་པའོ། །དང་པོ་ནི་ [011A]༄༅། །སེམས་སྲུང་འདོད་པ་སོགས། གཉིས་པ་རྒྱས་པར་བཤད་པ་ལ་གཉིས། ཤེས་བཞིན་མེད་པའི་ཉེས་དམིགས་དང། ཤེས་བཞིན་བསྲུང་བའི་ཐབས་སུ་དྲན་པ་བསྲུང་བའོ། །དང་པོ་ནི། ནད་ཀྱིས་དཀྲུགས་ པའི་སོགས། གཉིས་པ་ནི། དེ་བས་དྲན་པ་སོགས། གསུམ་པ་དྲན་པ་དང་ཤེས་བཞིན་གྱིས་སེམས་བསྲུང་བའི་སྤྱོད་པ་ལ་སློབ་པའི་ཚུལ་ལ་གསུམ། སྡོམ་པའི་ཚུལ་ཁྲིམས་ལ་སློབ་པའི་ཚུལ་དང། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང་ སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་སློབ་པའི་ཚུལ་ལོ། །དང་པོ་ལ་གཉིས། སྒོ་གསུམ་གྱི་ཀུན་སྤྱོད་དག་པར་བྱ་བ་དང། ཉམས་པ་བསྲུང་བའོ། །དང་པོ་ནི། རེ་ཤིག་དང་པོར་སོགས། གཉིས་པ་ནི། བྲེ་མོའི་གཏམ་ནི་སོགས། གཉིས་པ་དགེ་བ་ ཆོས་སྡུད་པའི་ཚུལ་ཁྲིམས་ལ་བསླབ་ཚུལ་ལ་གཉིས། ཚུལ་ཁྲིམས་ལ་མི་སློབ་པའི་རྒྱུ་ལུས་ལ་ཆགས་པ་སྤང་བ་དང། དགེ་བ་བསྒྲུབ་པ་ལ་མཁས་པར་བྱ་བའོ། །དང་པོ་ནི། བྱ་རྒོད་ཤ་ལ་སོགས། གཉིས་པ་ནི། དེ་ལྟར་རང་དབང་སོགས། གསུམ་པ་ སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་བསླབ་པ་ལ་གསུམ། གཞན་དོན་ལྷུར་བླང་བ་དང། རང་ཉེས་པས་མ་གོས་པར་གཞན་བསྡུ་བའི་སྤྱོད་པ་ལ་བསླབ་པ་དང། གཞན་གྱི་སེམས་བསྲུང་ཞིང་ཉེས་པས་མི་གོས་པའི་སྤྱོད་པ་ལ་བསླབ་པའོ། །དང་པོ་ནི་ དེ་ལྟར་རིག་བྱས་སོགས་གཉིས་པ་ནི། ལོག་པར་ལྟུང་དང་སོགས། གསུམ་པ་ནི། སོ་ཤིང་དང་ནི་སོགས། བཞི་པ་བསླབ་པ་ཕུན་སུམ་ཚོགས་པར་བྱེད་པའི་ཐབས་ནི། ཉིན་དང་མཚན་མོ་སོགས། གཉིས་པ་མཇུག་བསྡུ་བ་ནི། ལུས་དང་སེམས་ [011B] ༈ གསུམ་པ་ཕར་ཕྱིན་ལྷག་མ་བཞི་ལ་སློབ་པའི་ཚུལ་ལ་བཞི། བཟོད་པ་ལ་སློབ་ཚུལ་དང། བརྩོན་འགྲུས་ལ་སློབ་ཚུལ་དང། བསམ་གཏན་ལ་སློབ་ཚུལ་དང། ཤེས་རབ་ལ་སློབ་ཚུལ་ལོ། །དང་པོ་ལ་གཉིས་ བཟོད་པ་བསྒོམ་པ་ལྷུར་བྱ་བ་དང། བཟོད་པ་སྒྲུབ་པའི་ཐབས་ཡིད་ལ་བྱ་བའོ། །དང་པོ་ལ་གཉིས། ཁོང་ཁྲོའི་ཉེས་དམིགས་དང། བཟོད་པའི་ཕན་ཡོན་ནོ། །དང་པོ་ནི། བསྐལ་བ་སྟོང་དུ་སོགས། གཉིས་པ་ནི། གང་ཞིག་བསྒྲིམས་ཏེ་སོགས་ གཉིས་པ་བཟོད་པ་སྒྲུབ་པའི་ཐབས་ཡིད་ལ་བྱ་བ་ལ་གཉིས། ཁོང་ཁྲོའི་རྒྱུ་དགག་བར་བྱ་བ་དང། བཟོད་པའི་ཕན་ཡོན་བསྒོམ་པའོ། །དང་པོ་ལ་གཉིས། རྒྱུའི་ངོ་བོ་ཉེས་དམིགས་བསམས་ནས་དེ་ལྡོག་པའི་ཐབས་ལ་འབད་པ་དངོས་དང། ཁོང་ ཁྲོ་སྐྱེ་བའི་རྒྱུ་ཞིབ་ཏུ་བརྟགས་ནས་སྤོང་བ་ལ་འབད་པའོ། །དང་པོ་ནི། མི་འདོད་བྱས་དང་སོགས། གཉིས་པ་ལ་གསུམ། ཁོང་ཁྲོ་སྐྱེ་བའི་ཡུལ་གྱི་དབྱེ་བ་སྤྱིར་བསྟན་པ་དང། མི་འདོད་པ་བྱེད་པ་ལ་ཁྲོ་བ་དགག་པ་དང། འདོད་པའི་གེགས་ བྱེད་པ་ལ་ཁྲོ་བ་དགག་པའོ། །དང་པོ་ནི། བདག་གམ་བདག་གི་སོགས། གཉིས་པ་ལ་གསུམ། བདག་ལ་ཉེས་པ་བྱེད་པ་ལ་ཁྲོ་བ་དགག་པ་དང། བདག་གི་བཤེས་ལ་ཉེས་པ་བྱེད་པ་ལ་ཁྲོ་བ་དགག་པ་དང། དགྲ་ལ་ལེགས་པ་བྱེད་པ་ལ་ཁྲོ་བ་དགག་པའོ། །དང་པོ་ལ་གཉིས་ སྡུག་བསྔལ་བསྐྱེད་པ་ལ་བཟོད་པར་བྱ་བ་དང། བརྙས་པ་སོགས་བྱེད་པ་ལ་བཟོད་པར་བྱ་རིགས་པའོ། །དང་པོ་ལ་གསུམ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང། ཆོས་ལ་ངེས་སེམས་ཀྱི་བཟོད་པ་དང། གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་བསྒོམ་པའོ། །དང་པོ་ [012A]༄༅། །ནི༑ བདེ་བའི་རྒྱུ་ནི་སོགས། གཉིས་པ་ལ་གཉིས། རྒྱས་པར་བཤད་པ་དང། དོན་བསྡུ་བའོ། །དང་པོ་ལ་གསུམ། ཁྲོ་བ་དང་ཁྲོ་བ་ཅན་སོགས་རྒྱུ་ལ་རག་ལས་པས་རང་དབང་ཅན་མ་ཡིན་པ་དང། རང་དབང་ཅན་ གྱི་རྒྱུ་ཡོད་པ་དགག་པ་དང། ཁྲོ་བ་ལྡོག་པའི་དགོས་པའོ། །དང་པོ་ནི། མཁྲིས་པ་ལ་སོགས་སོགས། གཉིས་པ་ནི། གཙོ་བོ་ཞེས་བྱར་སོགས། གསུམ་པ་ནི། གང་གིས་གང་ཞིག་སོགས། གཉིས་པ་དོན་བསྡུ་བ་ནི། དེ་བས་དྒྲའམ་སོགས། གསུམ་ པ་གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་བསྒོམ་པ་ལ་གསུམ། སྙིང་རྗེའི་ཐབས་ཡིད་ལ་བྱེད་པ་དང། ཁྲོ་བའི་རྒྱུ་དགག་པ་དང། མི་འདོད་པ་བྱུང་ན་རང་གི་ཉེས་པར་བསམ་པའོ། །དང་པོ་ནི། བག་མེད་པས་ནི་སོགས། གཉིས་པ་ནི། གལ་ཏེ་གཞན་ ལ་སོགས། གསུམ་པ་ལ་གཉིས། དངོས་ཀྱི་དོན་དང། རྩོད་པ་སྤང་བའོ། །དང་པོ་ནི། བདག་གིས་སྔོན་ཆད་སོགས། གཉིས་པ་ནི། གལ་ཏེ་བདག་ལ་སོགས། གཉིས་པ་བརྙས་པ་སོགས་བྱེད་པ་ལ་བཟོད་པར་བྱ་རིགས་པ་ལ་བཞི། བརྙས་སྨོད་སོགས་ ཀྱིས་རང་གི་ལུས་ལ་མི་གནོད་པ་དང། ཁྲོ་བ་དང་འབྲེལ་བའི་གང་ཟག་ལ་རང་གིས་ཁྲོ་བར་མི་རིགས་པ་དང། རྙེད་པའི་བར་ཆད་བྱེད་པས་ཁྲོ་བར་མི་རིགས་པ་དང། གཞན་རང་ལ་མ་དད་པར་བྱེད་པས་ཁྲོ་བར་མི་རིགས་པའོ། །དང་པོ་ནི། ཡིད་ནི་ལུས་ ཅན་སོགས། གཉིས་པ་ནི། གཞན་དག་བདག་ལ་སོགས། གསུམ་པ་ནི། རྙེད་པའི་བར་ཆད་སོགས། བཞི་པ་ནི། གལ་ཏེ་སེམས་ཅན་སོགས། གཉིས་པ་བདག་གི་བཤེས་ལ་ཉེས་པ་བྱེད་པ་ལ་ཁྲོ་བ་དགག་པ་ལ་གཉིས། ཆོས་ལ་ངེས་སེམས་ [012B] གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པས་དགག་པའོ། །དང་པོ་ནི། སྐུ་གཟུགས་མཆོད་རྟེན་སོགས། གཉིས་པ་ལ་གཉིས། སེམས་ཡོད་འབའ་ཞིག་ལ་ཁྲོ་བར་མི་རིགས་ཤིང་རང་གི་ཉེས་པར་བསམ་པ་དང། བཟོད་པའི་ ཕན་ཡོན་ནོ། །དང་པོ་ནི། ལུས་ཅན་རྣམས་ལ་སོགས། གཉིས་པ་ནི། དཔེར་ན་ཁྱིམ་ཚིག་སོགས། གསུམ་པ་བདག་གི་དགྲ་ལ་ལེགས་པ་བྱེད་པ་ལ་ཁྲོ་བ་དགག་པ་ལ་གསུམ། དགྲ་ལ་བསྟོད་པ་དང་གྲགས་པ་བསྒྲུབ་པ་ལ་མི་བཟོད་པ་སྤངས་པ་དང། བདེ་ པ་བསྒྲུབ་པ་ལ་མི་བཟོད་པ་སྤངས་པ་དང། རྙེད་པ་བསྒྲུབ་པ་ལ་མི་བཟོད་པ་སྤངས་པའོ། །དང་པོ་ནི། གཞན་གྱིས་ཡོན་ཏན་སོགས། གཉིས་པ་ནི། སེམས་ཅན་ཐམས་ཅད་སོགས། གསུམ་པ་ནི། འཇིག་རྟེན་གསུམ་མཆོད་སོགས། གསུམ་པ་འདོད་ པའི་གགས་བྱེད་པ་ལ་ཁྲོ་བ་དགག་པ་ལ་གཉིས། དགྲ་ལ་གནོད་པ་འབྱུང་བའི་གེགས་བྱེད་པ་ལ་མི་བཟོད་པ་དགག་པ་དང། རང་དང་རང་གི་ཕྱོགས་ལ་ཕན་པའི་གེགས་བྱེད་པ་ལ་མི་བཟོད་པ་དགག་པའོ། །དང་པོ་ནི། གལ་ཏེ་དགྲ་ཞིག་སོགས། གཉིས་ པ་ལ་གཉིས། འཇིག་རྟེན་པའི་ཆོས་ཀྱི་གེགས་བྱས་པ་ལ་ཁྲོ་བར་མི་རིགས་པ་དང། བསོད་ནམས་ཀྱི་གེགས་བྱས་པ་ལ་ཁྲོ་བར་མི་རིགས་པའོ། །དང་པོ་ལ་གཉིས། རང་ལ་བསྟོད་པ་དང་གྲགས་པའི་གེགས་བྱས་པ་ལ་ཁྲོ་བར་མི་རིགས་པ་དང་ དེས་ཕན་འདོགས་པར་བསམ་པའོ། །དང་པོ་ནི། བསྟོད་དང་གྲགས་པའི་སོགས། གཉིས་པ་ནི། བསྟོད་སོགས་བདག་ནི་སོགས། གཉིས་པ་བསོད་ནམས་ཀྱི་གེགས་བྱས་པ་ལ་ཁྲོ་བར་མི་རིགས་པ་ལ་གཉིས། བསོད་ནམས་ཀྱི་གེགས་བྱས་པ་ལ་ཁྲོ་ [013A]༄༅། །བར་མི་རིགས་ཤིང་དེའི་གེགས་མ་ཡིན་པ་དང། གུས་པར་བྱ་བའི་ཡུལ་དུ་བསམ་པའོ། །དང་པོ་ནི། འདི་ནི་བསོད་ནམས་སོགས། གཉིས་པ་ལ་གཉིས། ཡོན་ཏན་སྐྱེད་བྱེད་ཡིན་པས་གུས་པར་བྱ་བ་དང། སྟོན་པ་ལ་དད་པས་གུས་པར་བྱ་བའོ། ། དང་པོ་ནི། འཇིག་རྟེན་ན་ནི་སོགས། གཉིས་པ་ནི། གཞན་ཡང་གཡོ་མེད་སོགས། གཉིས་པ་བཟོད་པ་བསྒོམ་པའི་ཕན་ཡོན་ལ་གཉིས། ཕན་ཡོན་མདོར་བསྟན་ཏེ་དེ་ཉིད་དཔེས་བཤད་པ་དང། ཕན་ཡོན་གྱི་རྣམ་གྲངས་བསྡུས་ཏེ་བསྟན་པའོ། ། དང་པོ་ནི། འདི་ཉིད་དེ་བཞིན་སོགས། གཉིས་པ་ནི། སེམས་ཅན་མགུ་ལས་སོགས། ༈ གཉིས་པ་བརྩོན་འགྲུས་ལ་བསླབ་ཚུལ་ལ་གཉིས། བརྩོན་འགྲུས་པ་ཙམ་དགོས་པར་བསྐུལ་བ་དང། བརྩོན་འགྲུས་ཇི་ལྟར་རྩོམ་པའི་ཚུལ་ ལོ༑ ༑དང་པོ་ནི། དེ་ལྟར་བཟོད་པས་སོགས། གཉིས་པ་ལ་གཉིས། བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་སྤང་བ་དང། གཉེན་པོ་བརྩོན་འགྲུས་ཀྱི་སྟོབས་སྤེལ་བའོ། །དང་པོ་ལ་གཉིས། མི་མཐུན་ཕྱོགས་ངོས་བཟུང་བ་དང། དེ་ཇི་ལྟར་སྤོང་བའི་ ཚུལ་ལོ། །དང་པོ་ནི། དེ་ཡི་མི་མཐུན་སོགས། གཉིས་པ་ལ་གསུམ། སྙོམ་ལས་ཀྱི་བདེ་བའི་རོ་མྱང་བའི་ལེ་ལོ་སྤང་བ་དང། བྱ་བ་ངན་པ་ལ་ཞེན་པའི་ལེ་ལོ་སྤང་བ་དང། དགེ་བ་ལ་སྒྱིད་ལུག་པའི་ལེ་ལོ་སྤང་བའོ། །དང་པོ་ནི། སྙོམ་ལས་བདེ་བའི་ སོགས། གཉིས་པ་ནི། དགའ་བའི་རྒྱུ་ནི་སོགས། གསུམ་པ་ནི། སྒྱིད་ལུག་མེད་དང་སོགས། གཉིས་པ་བརྩོན་འགྲུས་ཀྱི་སྟོབས་སྤེལ་བ་ལ་གསུམ། བརྩོན་འགྲུས་ཀྱི་མཐུན་རྐྱེན་སྟོབས་སྤེལ་བ་དང། དྲན་ཤེས་ཀྱི་སྤྱོད་པ་ལྷུར་ལེན་པ་ [013B] སྤྱོད་པ་སྒྲུབ་པ་ལ་བདག་ཉིད་དབང་དུ་བྱ་བའོ། །དང་པོ་ལ་གཉིས། སྟོབས་བཞི་ངོས་བཟུང་བའི་སྒོ་ནས་མདོར་བསན་པ་དང། རྒྱས་པར་བཤད་པའོ། །དང་པོ་ནི། སེམས་ཅན་དོན་གྲུབ་སོགས། གཉིས་པ་ལ་བཞི། མོས་པའི་སྟོབས་དང་ བརྟན་པའི་སྟོབས་དང། དགའ་བའི་སྟོབས་དང། དོར་བའི་སྟོབས་སོ། །དང་པོ་ནི། བདག་དང་གཞན་གྱི་སོགས། གཉིས་པ་ང་རྒྱལ་ལམ། བརྟན་པའི་སྟོབས་ནི། རྡོ་རྗེ་རྒྱལ་མཚན་སོགས། གསུམ་པ་དགའ་བའི་སྟོབས་ནི། རྩེད་མོའི་བདེ་འགྲས་ སོགས། བཞི་པ་དོར་བའི་སྟོབས་ནི། སྟོབས་ཉམས་པ་དང་སོགས། གཉིས་པ་དྲན་ཤེས་ཀྱི་སྤྱོད་པ་ལྷུར་ལེན་པ་ནི། འཐབ་རྙིང་དགྲ་དང་སོགས། གསུམ་པ་སྤྱོད་པ་སྒྲུབ་པ་ལ་བདག་ཉིད་དབང་དུ་བྱ་བ་ནི། ཅི་ནས་ལས་བྱེད་སོགས། ༈ བརྒྱད་པ་ནི། གསུམ་པ་ཞི་གནས་ཀྱིས་བསྡུས་པའི་བསམ་གཏན་ལ་སློབ་ཚུལ་ལ་གསུམ། བསམ་གཏན་བསྒོམ་དགོས་པར་གདམས་པ། ཞི་གནས་ཀྱི་མི་མཐུན་ཕྱོགས་སྤང་བ། ཞི་གནས་ཇི་ལྟར་བསྒོམ་པའི་ཚུལ་ལོ། །དང་པོ་ནི། དེ་ལྟར་བརྩོན་ འགྲུས་སོགས། གཉིས་པ་ལ་གཉིས། ལུས་དབེན་པའི་ཐབས་འདུ་འཛི་སྤང་བ་དང། སེམས་དབེན་པའི་ཐབས་ཕྱིན་ཅི་ལོག་གི་རྣམ་རྟོག་སྤང་བའོ། །དང་པོ་ལ་གཉིས། གཉེན་པོ་ངོས་བཟུང་ནས་དེ་བསྐྱེད་པའི་ཐབས་དང། གཡེང་བའི་རྒྱུ་འདུ་འཛིའི་ཉས་ དམིགས་བསམས་ནས་ཞི་གནས་ཀྱི་རྒྱུ་དབེན་པ་བསྟེན་པའི་ཕན་ཡོན་ནོ། །དང་པོ་ནི། ཆགས་པའི་ཕྱིར་དང་སོགས། གཉིས་པ་ནི། སེམས་ཅན་མོས་པ་སོགས། གཉིས་པ་སེམས་དབེན་པའི་ཐབས་ཕྱིན་ཅི་ལོག་གི་རྣམ་རྟོག་སྤང་བ་ལ་གཉིས། འདོད་ [014A]༄༅། །པ་ལ་སྐྱོ་བ་བསྒོམ་པ་དང། དབེན་པ་ལ་དགའ་བ་བསྒོམ་པའོ། །དང་པོ་ནི། བསམ་པ་གཞན་ནི་སོགས། གཉིས་པ་ནི། དེ་ལྟར་འདོད་ལ་སོགས། གསུམ་པ་ཞི་གནས་ཇི་ལྟར་བསྒོམ་པའི་ཚུལ་ལ་གཉིས་ བདག་གཞན་མཉམ་པ་བསྒོམ་པའི་ཚུལ་དང། བདག་གཞན་བརྗེ་བ་བསྒོམ་པའི་ཚུལ་ལོ། །དང་པོ་ལ་གཉིས། མདོར་བསྟན་པ་དང། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལ་སོགས་པའི་སོགས། གཉིས་པ་ནི། ལག་པ་ལ་སོགས་སོགས་ གཉིས་པ་བདག་གཞན་བརྗེ་བའི་ཚུལ་ལ་གཉིས། མདོར་བསྟན་པ་དང། རྒྱས་པར་བཤད་པའོ། །དང་པོ་ནི། བདག་ཉིད་སྐྱོན་བཅས་སོགས། གཉིས་པ་ལ་གསུམ། བདག་གཞན་བརྗེ་བའི་ཚུལ་བཤད་པ། བརྗེས་ནས་བསམ་པས་རྗེས་སུ་ སྒྲུབ་པའི་ཚུལ་དང། སྦྱོར་བས་རྗེས་སུ་སྒྲུབ་པའི་ཚུལ་ལོ། །དང་པོ་ནི། ཇི་ལྟར་བདག་མེད་སོགས། གཉིས་པ་ནི། དམན་སོགས་བདག་ཏུ་སོགས། གསུམ་པ་ནི། གཞན་གྱི་རྟོག་ཆེན་སོགས། ༈ བཞི་པ་ལྷག་མཐོང་གི་ངོ་ བོ་ཤེས་རབ་ལ་བསླབ་ཚུལ་ལ་གསུམ། ཐར་པ་ཐོབ་པ་ལ་སྟོང་ཉིད་རྟོགས་དགོས་པར་བསྟན་པ་དང། སྟོང་ཉིད་རྟོགས་པའི་ཤེས་རབ་བསྐྱེད་པའི་ཐབས་བསྟན་པ་དང། སྟོང་ཉིད་རྟོགས་པའི་ཤེས་རབ་སྐྱེད་པ་ལ་འབད་པར་གདམས་པའོ། ། དང་པོ་ནི། ཡན་ལག་འདི་དག་སོགས། གཉིས་པ་ལ་གསུམ། བདེན་པ་གཉིས་ཀྱི་རྣམ་གཞག་དང། ཐར་པ་ཐོབ་པ་ལ་ཡང་སྟོང་ཉིད་རྟོགས་དགོས་པར་སྒྲུབ་པ་དང། སྟོང་ཉིད་སྒྲུབ་པའི་རིགས་པ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། དངོས་ [014B] སྟོང་ཉིད་ལ་དགོས་ནུས་མེད་པའི་རྩོད་པ་སྤང་བའོ། །དང་པོ་ནི། ཀུན་རྫོབ་དང་ནི་སོགས། གཉིས་པ་ལ་གཉིས། དངོས་དང། དེ་ལ་གནོད་པ་སྤང་བའོ། །དང་པོ་ནི། གཉིས་ཀ་ཡང་ནི་སོགས། གཉིས་པ་ལ་གསུམ། མདོ་སྡེ་པ་སོགས་ དངོས་སྨྲ་བ་སྤྱིར་དགག་པ་དང། སེམས་ཙམ་པའི་འདོད་པ་བྱེ་བྲག་ཏུ་དགག་པ་དང། སྟོང་ཉིད་རྟོགས་པའི་ལམ་དབུ་མ་པ་ལ་དགོས་ནུས་མེད་པར་ཐལ་བ་སྤང་བའོ། །དང་པོ་ནི། གཟུགས་སོགས་མངོན་སུམ་སོགས། གཉིས་པ་ནི། གལ་ཏེ་འཁྲུལ་ པའང་སོགས། གསུམ་པ་ནི། སྒྱུ་མ་ལྟ་བུར་སོགས། གཉིས་པ་ཐར་པ་ཙམ་ཐོབ་པ་ལ་ཡང་སྟོང་ཉིད་རྟོགས་དགོས་པར་སྒྲུབ་པ་ལ་གཉིས། རྩོད་པ་དགོད་པ་དང། ལན་ནོ། །དང་པོ་ནི། བདེན་པ་མཐོང་བས་སོགས། གཉིས་པ་ལན་ལ་གསུམ་ སྟོང་ཉིད་རྟོགས་པའི་ཤེས་རབ་དམན་པའི་མྱང་འདས་ཀྱི་ལམ་དུ་བསྒྲུབ་པ་དང། མི་གནས་པའི་མྱང་འདས་ཀྱི་ལམ་དུ་བསྒྲུབ་པ་དང། དེས་ན་གྲོལ་བ་དོན་གཉེར་གྱིས་སྟོང་ཉིད་སྒོ་མ་རིགས་པར་གདམས་པའོ། །དང་པོ་ནི། གང་ཕྱིར་ལུང་ལས་སོགས་ གཉིས་པ་ནི། རྨོངས་པས་སྡུག་བསྔལ་སོགས། གསུམ་པ་ནི། དེ་ལྟར་སྟོང་པ་སོགས། གསུམ་པ་སྟོང་ཉིད་སྒྲུབ་པའི་རིགས་པ་རྒྱས་པར་བཤད་པ་ལ་གཉིས། གང་ཟག་གི་བདག་མེད་བསྒྲུབ་པའི་རིགས་པ་རྒྱས་པར་བཤད་པ་དང། ཆོས་ཀྱི་ བདག་མེད་བསྒྲུབ་པའི་རིགས་པ་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། གང་ཟག་གི་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དགག་པ་དང། ཀུན་བརྟགས་ཀྱི་བདག་དགག་པ་དང། བཀག་པ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། སོ་དང་ [015A]༄༅། །སྐྲ་སེན་སོགས། གཉིས་པ་ལ་གཉིས། གྲངས་ཅན་གྱིས་བདག་ཤེས་པར་འདོད་པ་དགག་པ་དང། བྱེ་བྲག་པས་བདག་བེམ་པོར་འདོད་པ་དགག་པའོ། །དང་པོ་ནི། གལ་ཏེ་སྒྲ་ཡི་སོགས་ གཉིས་པ་ནི། སེམས་མེད་པ་ཡང་སོགས། གསུམ་པ་དེ་ལྟར་བཀག་པ་ལ་རྩོད་པ་སྤོང་བ་ནི། གལ་ཏེ་བདག་ནི་སོགས། གཉིས་པ་ཆོས་ཀྱི་བདག་མེད་རྒྱས་པར་བཤད་པ་ལ་གསུམ། དྲན་པ་ཉེར་གཞག་བཞིའི་སྒོ་ནས་ཆོས་ཀྱི་བདག་མེད་ བཤད་པ་དང། བདེན་གཉིས་མི་འཐད་པའི་རྩོད་པ་སྤོང་བ་དང། བདག་མེད་སྒྲུབ་བྱེད་ཀྱི་གཏན་ཚིགས་དགོད་པའོ། །དང་པོ་ནི། ལུས་ནི་རྐང་པ་སོགས། གཉིས་པ་ནི། གལ་ཏེ་དེ་ལྟར་སོགས། གསུམ་པ་ལ་གསུམ། རྒྱུ་ལ་ དཔྱོད་བ་རྡོ་རྗེ་གཟེགས་མའི་གཏན་ཚིགས། ངོ་བོ་ལ་དཔྱོད་པ་རྟེན་འབྲེལ་གྱི་གཏན་ཚིགས། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་སོ། །དང་པོ་ནི། རེ་ཤིག་འཇིག་རྟེན་སོགས། གཉིས་པ་ནི། རྨོངས་པས་བདེན་ པར་སོགས། གསུམ་པ་ནི། དངོས་པོ་ཡོད་པར་སོགས། གསུམ་པ་དེས་ན་སྟོང་ཉིད་རྟོགས་པའི་ཤེས་རབ་སྐྱེད་པ་ལ་འབད་པར་གདམས་པ་ནི། དེ་ལྟར་སྟོང་པའི་སོགས། ༈ བཞི་པ་སྦྱིན་པ་ལ་སློབ་ཚུལ་ཕུན་སུམ་ཚོགས་ པའི་བསྟན་བཅོས་རྫོགས་པར་བརྩམས་པ་འབྲས་བུ་ཡོད་པར་བྱ་བའི་ཕྱིར་དུ་དགེ་བ་བསྔོ་བའི་ཡན་ལག་གི་སྒོ་ནས་བཤད་པ་ལ་གསུམ། མདོར་བསྟན་པ་དང། རྒྱས་པར་བཤད་པ་དང། བཀའ་དྲིན་རྗེས་སུ་དྲན་པས་ཕྱག་འཚལ་ [015B] ༑དང་པོ་ནི། བདག་གིས་བྱང་ཆུབ་སོགས། གཉིས་པ་ལ་གསུམ། གཞན་གྱི་དོན་དུ་བསྔོ་བ་དང། རང་གི་དོན་དུ་བསྔོ་བ་དང། བསྟན་པ་རྒྱས་པའི་དོན་དུ་བསྔོ་བའོ། །དང་པོ་ལ་གཉིས། འཇིག་རྟེན་པའི་དོན་དུ་བསྔོ་བ་དང། འཇིག་ རྟེན་ལས་འདས་པའི་དོན་དུ་བསྔོ་བའོ། །དང་པོ་ལ་གཉིས། ནད་པ་སོགས་དང་ངན་འགྲོའི་དོན་དུ་བསྔོ་བ་དང། བདེ་འགྲོ་དང་སེམས་ཅན་ཀུན་གྱི་དོན་དུ་བསྔོ་བ་བསྡུས་ཏེ་བསྟན་པའོ། །དང་པོ་ནི། ཕྱོགས་རྣམས་ཀུན་ན་སོགས། གཉིས་པ་ནི། ལོང་བ་རྣམས་ཀྱིས་སོགས། གཉིས་པ་ འཇིག་རྟེན་ལས་འདས་པའི་དོན་དུ་བསྔོ་བ་ནི། བྱང་ཆུབ་སེམས་དཔའ་སོགས། གཉིས་པ་རང་གི་དོན་དུ་བསྔོ་བ་ནི། བདག་ཀྱང་འཇམ་དབྱངས་སོགས། གསུམ་པ་བསྟན་པ་རྒྱས་པའི་དོན་དུ་བསྔོ་བ་ནི། འགྲོ་བའི་སྡུག་བསྔལ་ སོགས། གསུམ་པ་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཕྱག་འཚལ་བ་ནི། གང་གི་དྲིན་གྱིས་སོགས། གསུམ་པ་མཇུག་གི་དོན་ལ་གཉིས། བསྟན་བཅོས་འདི་སློབ་དཔོན་གང་གིས་མཛད་པ་དང། ལོ་པཎ་གང་གིས་བསྒྱུར་བའོ། །དང་པོ་ནི། བྱང་ ཆུབ་སེམས་དཔའི་སོགས། གཉིས་པ་ནི། རྒྱ་གར་གྱི་མཁན་པོ་སོགས་སོ། །དེ་ལྟར་སེམས་དཔའ་ཆེན་པོ་ཞི་བ་ལྷའི་གཞུང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ས་བཅད་འདི་བཞིན། མདོ་ཁམས་ཆབ་མདོ་དགེ་ལྡན་བྱམས་པ་གླིང་དུ་ འདིའི་བཤད་ཁྲིད་བགྱིད་སྐབས་ཕ་བོང་ཁའི་སྤྲུལ་མིང་པས་བསྒྲིགས་པའོ།། །། ༈ །ཡོན་སྦྱར་མཐུན་རྐྱེན་འབྲེལ་ཚད་བླ་མ་ཡིས། །ཚེ་རབས་འབྲལ་མེད་མཉེས་བཞིན་རྗེས་འཛིན་ཅིང། །ཟུང་འཇུག་རྡོ་རྗེ་འཆང་དབང་མྱུར་ཐོབ་ཤོག་དགེ་ལེགས་འཕེལ།།།